༈ དེ་ཡང་ཞི་བའི་བཟླས་པ་མདོར་བསྡུས་བྱས་པའི་རྗེས་སུ་ འཁོར་ལོ་ཡིག་འབྲུ་དང་བཅས་པ་འོད་དུ་ཞུ་བ་ལས། ཉི་གདན་གྱི་སྟེང་དུ་རྡོ་རྗེ་སྔོན་པོ་རྩེ་ལྔ་པ་གྱེན་འགྲེང་གི་ལྟེ་བའི་ནང་དུ། འཁོར་ལོ་དཀར་པོ་རྩིབས་བརྒྱད་པ་གཉིས་ཁ་སྦྱར་བ་བ་གུར་ལྟ་བུའི་ནང་དུ། པདྨ་དམར་ [066B] དེའི་ཀླ་དཀོར་གྱི་ནང་དུ་ཟླ་གདན་ལ་རང་ཉིད་ཐ་མལ་པའི་རྣམ་པ་ཅན་སོགས་བསྒྲུབ་བྱ། ཧཱུཾ་གི་མཐའ་སྐོར་དུ་ཡ་མཱནྟ་ཀ་དེའི་ཕྱི་རོལ་ཏུ་ཧྲཱི་ ཥྜཱི་དེའི་ཕྱི་རོལ་གྱི་འདབ་བརྒྱད་སྟེང་གི་བར་སྣང་ལ་ཡ་མ་རཱ་ཛཱ། ཡི་གེ་ཐམས་ཅད་ཁ་དོག་སྔོན་པོ་འོད་ཟེར་ཁ་དོག་སྣ་ལྔ་འཕྲོ་བ་ལ་སེམས་བཏད་ནས། ཡ་མ་རཱ་ཛཱ་ཅུང་ཟད་བཟླས་རྗེས། དེའི་སྔགས་འཕྲེང་ནང་གི་ཧྲཱི་ ཥྜཱི་ལ་བསྡུས་ནས་ཧྲཱི་ཥྜཱི་ཅུང་ཟད་བཟླ། ཡང་ཧྲཱི་ཧྲཱིཥྜཱི་ནང་གི་ཡ་མཱནྟ་ཀ་ལ་བསུདས་ནས་སྔས་དེ་ཉིད་གཙོ་བོར་བཟླའོ། །དེའི་ཚེ་ཧཱུམ་ཡིག་སྔགས་འཕྲེང་དང་བཅས་པ་ལས་འོད་ཟེར་འཕྲོས་པ་རིམ་གྱིས་སོང་ནས་རྩ་ཞལ་ གྱི་ཤངས་བུག་གཡས་ནས་འཐོན་ཏེ་སྣོད་བཅུད་ཐམས་ཅད་ཀྱི་སྐྱོན་སྦྱངས་ནས། རྟེན་དང་བརྟེན་པའི་དཀྱིལ་འཁོར་དུ་བསྒྱུར། འོད་ཟེར་སླར་ལོག་ནས་ཤངས་བུག་གཡོན་པ་ནས་ཞུགས་ཏེ་ཧཱུཾ་ཡིག་བསྒྲུབ་ བྱ་དང་བཅས་པ་ལ་ཐིམ་པར་བསམ་པ་ནི་དམིགས་པ་གཅིག་གོ་ཡང་ཧཱུཾ་ཡིག་སྔགས་འཕྲེང་དང་བཅས་པ་ལས་འོད་ཟེར་འཕྲོས་པའི་སྣེར་འཇིགས་བྱེད་ཡབ་ཡུམ་ཞལ་སྦྱོར་དཔག་ཏུ་མེད་པ་ཤངས་བུག་གཡས་ ནས་སྤྲོས་ཏེ། སྐུའི་འོད་ཟེར་གྱིས་སྣོད་ཀྱི་འཇིག་རྟེན་དང། སྦྱོར་མཚམས་ནས་བབས་པའི་བྱང་སེམས་དཀར་དམར་གྱིས་བཅུད་ཀྱི་སེམས་ཅན་གྱི་ཉེས་སྐྱོན་ཐམས་ཅད་སྦྱངས་ནས། སྣོད་ཐམས་ཅད་གཞལ་ཡས་ཁང་དང་ [067A]༄༅། །བཅུད་ཐམས་ཅད་འཇིགས་བྱེད་ཡབ་ཡུམ་དུ་བསྒྱུར་འོད་ཟེར་ལྷ་སྐུ་དང་བཅས་པ་སླར་ལོག་ནས་ཤངས་བུག་གཡོན་པ་ནས་ཞུགས་ཏེ། ཧཱུཾ་ཡིག་བསྒྲུབ་བྱ་དང་བཅས་པ་ལ་ཐིམ་པར་བསམ་པ་ནི་དམིགས་ པ་གཅིག་གོ་ཡང་ཧཱུཾ་ཡིག་སྔགས་འཕྲེང་དང་བཅས་པ་ལས་མེ་འོད་ཚ་ཞིང་འབར་བ་སྤྲོས་པས་རང་དང་བསྒྲུབ་བྱའི་ལུས་ནང་གི་ནད་གདོན་སྡིག་སྒྲིབ་ཐམས་ཅད་གཞོབ་ཐུལ་གྱིས་བསྲེགས། མེ་འོད་ཕྱིར་བ་སྤུའི་སྒོ་ནས་ཕྱོགས་ བཅུར་སྤྲོས་པས་སྣོད་བཅུད་ཀྱི་ཉེས་སྐྱོན་ཐམས་ཅད་བསྲེགས་ཤིང། སྣང་སྲིད་ཐམས་ཅད་མེར་འབར་བའི་སྒྲ་ལས་ཀྱང་སྔགས་ཀྱི་སྒྲ་འུར་དིར་དིར་སྒྲོག་པར་བསམ་པ་ནི་དམིགས་པ་གཅིག་གོ་ཡང་ཧཱུཾ་ཡིག་སྔགས་འཕྲེང་དང་བཅས་ པ་ལས་འོད་ཟེར་སྤྲོས་པའི་སྣེར་ལྷ་མོ་མཆོད་རྫས་ཐོགས་པ་སྤྲོས་པས་ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ལ་མཆོད་པ་ཕུལ། དེ་དག་གི་སྐུའི་བྱིན་རླབས་ཐམས་ཅད་རྡོ་རྗེ་འཇིགས་བྱེད་ཀྱི་སྐུའི་རྣམ་པར་བསྡུས་ནས་རང་དང་བསྒྲུབ་ བྱའི་སྤྱི་བོ་དང། གསུང་གི་བྱིན་རླབས་ཐམས་ཅད་སྔགས་གསུམ་གྱི་ཡིག་འབྲུའི་རྣམ་པར་བསྡུས་ནས་མགྲིན་པ་དང། ཐུགས་ཀྱི་བྱིན་རླབས་ཐམས་ཅད་གྲི་ཐོད་སོགས་ཕྱག་མཚན་གྱི་རྣམ་པར་བསྡུས་ནས་སྙིང་གར་ཐིམས་པས་ རྒྱལ་བ་སྲས་བཅས་ཀྱི་གསང་གསུམ་གྱི་བྱིན་རླབས་ཐམས་ཅད་རང་དང་བསྒྲུབ་བྱའི་སྒོ་གསུམ་ལ་ཞུགས་པར་བསམ་པ་ནི་དམིགས་པ་གཅིག་གོ། དེ་ལྟ་བུའི་དམིགས་པ་བཞི་རེ་མོས་ཀྱིས་ཡང་དང་ཡང་དུ་བྱེད་ཅིང། དེའི་ [067B] རང་རྒྱུད་ཀྱི་བདེ་སྟོང་གི་ཡེ་ཤེས་ལྷ་དང་གཞལ་ཡས་ཁང་གི་རྣམ་པར་ཤར་བར་མོས་པའི་དག་པའི་སྣང་ཞེན་བརྟན་པོ་བསྐྱེད་པ་ཡང་ཤིན་ཏུ་གལ་ཆེའོ། །ཐུན་བསྡུ་རན་ ན་སྔགས་འཕྲེང་དབུས་ཀྱི་ཧཱུཾ་ལ་བསྟིམས་ནས་འཁོར་གྱི་བཟླས་པ་ཅུང་ཟད་རེ་བྱེད་པ་སོགས་ནི་དཀྱུས་ལྟར་རོ། །ཡུམ་གྱི་ཞི་བའི་བཟླས་དམིགས་ནི། ཡུམ་རོ་ལངས་མའི་ཐུགས་ཀར་པདྨ་དཀར་པོ་འདབ་མ་བརྒྱད་པའི་ལྟེ་ བར་ཟླ་གདན་ལ་དབྱངས་ཅན་མ་དཀར་མོ་ཕྱག་གཉིས་པི་ཝང་རྡུང་ཞིང་རིན་པོ་ཆེའི་རྒྱན་དང་དར་དཀར་གྱི་ན་བཟའ་ཅན། ཞབས་གཉིས་ཙོག་པུའི་སྟབས་ཀྱིས་བཞུགས་པ། དེའི་ཐུགས་ཀར་པདྨ་དཀར་པོ་འདབ་མ་བརྒྱད་ པའི་ལྟེ་བར་ཟླ་གདན་ལ་བཻཌཱུ་རྱའི་པི་ཝང་རྒྱུད་སྟོང་དང་ལྡན་པ་མགོ་གཡས་སུ་བསྟན་ནས་གན་རྒྱལ་དུ་གནས་པ། དེའི་སྟེང་དུ་པདྨ་དཀར་པོ་འདབ་མ་བརྒྱད་པའི་ལྟེ་བར་ཟླ་གདན་ལ་ཤེས་རབ་ཀྱི་འཁོར་ལོ་དཀར་པོ་རྩིབས་ དྲུག་པའི་ལྟེ་བར་ཧྲཱི་ཡིག་དཀར་པོའི་གི་གུའི་ནང་དུ་ཟླ་གདན་ལ་རང་ཉིད་ཐ་མལ་པའི་རྣམ་པ་ཅན་སོགས་བསྒྲུབ་བྱ་རྣམས་དང། རྩི་བས་དྲུག་གི་སྟོང་དུ། ཨོ་ཨ་ར་པ་ཙ་ན་ཞེས་པའི་ཡི་གེ་དྲུག་དང། རྩི་བས་མཚམས་ དྲུག་ཏུ་ཧྲཱི་དྲུག་ཤར་གྱི་པད་འདབ་ཀྱི་ཕྱི་ངོས་སུ་གསལ་བྱེད་ཀ་ཁ་ག་གྷ་བཞི་བསྒྲིགས་དང། ནང་ངོས་སུ་དབྱངས་ཨ་ཨཱ་ཉིས་བསྒྲིགས། དེ་བཞིན་དུ་ཤར་ལྷོར་ཙ་ཚ་ཛ་ཛྷ་དང་ཨི་ཨཱི། ལྷོར་ཊ་ཋ་ཌ་ཌྷ་དང་ཨུ་ཨཱུ་ [068A]༄༅། །ལྷོ་ནུབ་ཏུ་ཎ་ཏ་ཐ་ད་ ནུབ་བྱང་དུ་བ་བྷ་མ་ལ་དང་ཨེ་ཨཻ། བྱང་དུར་ལ་ཝ་ཤ་དང་ཨོ་ཨཽ། །བྱང་ཤར་དུ་ཥ་ས་ཧ་ཀྵ་དང་ཨཾ་ཨཿ་ཡི་གེ་ཐམས་ཅད་ཁ་དོག་ དཀར་པོ་འོད་ཟེར་འཕྲོ་བ་ལ་སེམས་བཏང་དེ། ཨོཾ་ཨ་ར་པ་ཙ་ན་ཧྲཱི་ཞེས་ཀློག་པའི་ཚུལ་དུ་བཟླས་པས། སྔགས་ཀྱི་སྒྲ་དེ་ཕྱག་དང་ཐུགས་ཀའི་པི་ཝང་གིས་སྒྲོག་པར་བསམ་ཞིང། འཁོར་ལོ་བསྐོར་བ་དང་མི་ཤེས་པ་ གཅོད་པའི་དམིགས་པ་མ་བྱས་ཀྱང་ཆོག་ལ། གཞན་མ་སྔར་ཡབ་ཀྱི་སྐབས་སུ་བཤད་པ་ལྟར་འོད་ཟེར་གྱི་སྣར་ལྷ་མོ་དཀར་མོ་སྤྲོས་ནས་མ་དག་པ་འཁྲུད་པ་དང། འོད་ཟེར་དཀར་པོ་ཟླ་བ་ཤར་བ་ལྟར་སྤྲོས་ནས་མ་རིག་པ་ བསལ་བ་དང། བདུད་རྩི་དཀར་པོ་དབྱངས་ཅན་མའི་སྐུར་གསལ་བས་ཤེས་རབ་ཆེ་བ་དང། ཨོཾ་ཨ་ར་པ་ཙ་ན་ཧྲཱི་དང་དབྱངས་གསལ་དུ་གསལ་བས་ཤེས་རབ་གསལ་བ་དང། ཧྲཱི་ཡིག་དཀར་པོར་གསལ་བས་ ཤེས་རབ་མྱུར་བ་དང། པི་ཝང་དུ་གསལ་བས་ཤེས་རབ་ཟབ་པ་དང། གླེགས་བམ་དུ་གསལ་བས་འཆད་པའི་ཤེས་རབ་དང། ཤེས་རབ་ཀྱི་འཁོར་ལོར་གསལ་བས་རྩོད་པའི་ཤེས་རབ་དང། གླེགས་བམ་དང་ཤེས་ རབ་ཀྱི་འཁོར་ལོ་གཉིས་ཀར་གསལ་བས་རྩོམ་པའི་ཤེས་རབ་བསྒྲུབ་པའི་ཚུལ་རྣམས་རིགས་འགྲེ་སྦྱར་ལ་ཤེས་པར་བྱའོ། །